རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ཚོགས་འདུའི་ཐོག་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་ཕྱོགས་བསྡོམས་དབྱེ་ཞིབ་གནང་བ་དང་།  ཏོག་གསར་གློ་ཚད་ཀྱི་ནད་ཡམས་འགོག་ཟོན་ལས་ཀ་བཀོད་སྒྲིག་གནང་བ་མ་ཟད།  ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་སོགས་ཀྱི་བྱ་བར་ཞིབ་འཇུག་དང་གྲོས་ཞིབ་ཀྱང་གནང་བ་རེད། 
ཚོགས་འདུའི་ཐོག་ད་ལོའི་ཚུན་དུ།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཏེ།  སེམས་ནུས་གཅིག་སྒྲིལ་དང་ཐབས་མང་མཉམ་བཟུང་ཐོག་ནད་ཡམས་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱས་ཏེ།  ཐོན་ལས་ཀྱི་ཁྲིད་སྟོན་དང་དམངས་འཚོའི་ཁྲིད་ཕྱོགས།  མ་འཇོག་སྐུལ་ཁྲིད།  སྤྱོད་ཚུལ་འགན་སྲུང་བཅས་མངོན་ཆེར་འཛིན་པས་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་མཛུབ་སྟོན་བྱས་ཡོད།  
ཆེ་དགྲ་ལྷ་ནས་གོམ་སྟབས་རྗེས་མར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་དེང་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་དོན་ཐད་བཏོན་གནང་བའི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།  བརྟན་པོ་དྲུག་གྱི་ལས་དོན་ཏན་ཏིག་སྒྲུབ་པ།  འགན་སྲུང་དྲུག་དོན་འཁྱོལ་བྱས་ཏེ་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་གསུངས་གནང་ཡོད།
ཚོགས་འདུའི་ཐོག་ཉེ་བའི་ལོའི་རིང་གི་རང་ལྗོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་སྦྲགས།  རིམ་ཁག་ཚན་པ་ཁག་གིས་ངེས་པར་དུ་ཐོན་སྐྱེད་བདེ་འཇགས་དེ་གནས་བབ་གལ་ཆེན་ཐོག་འཇོག་པ་དང་།  གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་སྐུལ་སློང་བཀོད་སྒྲིག་དང་ཞིབ་བཤེར་བཅོས་སྒྲིག  གཅིག་བསྡུས་འགག་སྒྲོལ།  སྲ་བརྟན་མཐོར་གཏོང་བཅས་དུས་མཚམས་བཞིའི་བཀོད་སྒྲིག་གཞིར་བཟུང་།  ཐོན་སྐྱེད་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་དགོས་པ་དང་།  འགན་འཁྲི་ནན་དཀྲིས་ཐོག་ནས་ཐོན་སྐྱེད་བདེ་འཇགས་ལས་དོན་དེ་བས་ཏན་ཏིག་ངང་སྒྲུབ་དགོས་པའི་མཛུབ་སྟོན་བྱས་ཡོད།  ཚོགས་འདུའི་ཐོག་ད་དུང་དེ་མིན་བྱ་བར་ཞིབ་འཇུག་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]