ལོ་སྟོད་དུ་རང་ལྗོངས་ཀྱི་གློག་རྡུལ་ཚོང་དོན་གོང་འཕེལ་གྱི་རྣམ་པ་བཟང་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༠ ལོའི་ཟླ་དང་པོ་ནས་དྲུག་པའི་བར།  རང་ལྗོངས་ཀྱི་གློག་རྡུལ་ཚོང་དོན་ཐད་གོང་འཕེལ་གྱི་རྣམ་པ་བཟང་པོ་ཐོན་ཞིང་།  དངོས་ཟོག་དྲ་ཐོག་ཏུ་སིལ་ཚོང་གིས་གཙོ་ཁྲིད་བྱེད་པའི་སིལ་ཚོང་གི་གློག་རྡུལ་ཚོང་དོན་རྒྱུན་མཐུད་ཡག་པོ་གཉེར་ཐུབ་ནས།  དྲ་ཐོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར ༢༤ ལྷག་ཙམ་ཟིན་པ་དེ་དུས་ཚུངས་པ་ལས་བརྒྱ་ཆ ༡༩ འཕར་ཏེ་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་པ་དང་།  འཕར་སྣོན་མྱུར་ཚད་དེ་རྒྱལ་ཡོངས་དང་བསྡུར་ན་བརྒྱ་ཆ ༡༡ གིས་མཐོ་བ་ཡོད།

གྲུབ་ཆའི་ཐད་ནས་བལྟས་ན་ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་དངོས་ཟོག་དྲ་ཐོག་ཏུ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར ༡༨.༨༧ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༣༣ འཕར་ཡོད།  ས་ཁོངས་ཐད་ནས་བལྟས་ན་གཞིས་རྩེ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར།  མངའ་རིས་ས་ཁུལ་བཅས་ཀྱི་སིལ་ཚོང་གློག་རྡུལ་ཚོང་དོན་གོང་འཕེལ་ཡག་པོ་བྱུང་ཡོད།  ལས་རིགས་ཐད་ནས་བལྟས་ན་བཟའ་བཅའི་བདེ་སྲུང་དང་།  གྱོན་གོས་དང་ལྷམ།  ལྟོ་ཕད།  ཁྱིམ་སྤྱོད་ཡོ་ཆས་བཅས་ལོ་སྟོད་དུ་དངོས་ཟོག་དྲ་ཐོག་ཏུ་བྲིན་ཚོང་གཙོ་གྲས་སུ་གྱུར་ཡོད།  དྲ་ཐོག་ཡུལ་སྐོར་དང་དྲ་ཐོག་བཟའ་འཐུང་།  འཚོ་བའི་ཞབས་ཞུ་སོགས་དྲ་ཐོག་ཞབས་ཞུའི་དགོས་མཁོ་ཆེ་རུ་ཕྱིན་ཞིང་དེ་དག་ནང་།  དྲ་ཐོག་བཟའ་འཐུང་གི་བྲིན་ཚོང་བྱེད་ཚད་སྒོར་དུང་ཕྱུར ༡.༦༢ ཟིན་ནས་ཞབས་ཞུ་རྣམ་པའི་དྲ་ཐོག་སིལ་ཚོང་སྤྱི་ཡོངས་ཀྱི་བརྒྱ་ཆ ༢༨ ཟིན་ཡོད།

གཞན་ཡང་།  ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་གཉེར་མཁན་ཁྲི ༣.༢༠༧༠ ཟིན་པ་དེས་མི་ཁྲི ༡༢.༨༧ ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་དང་།  སྤྱི་ཚོགས་འབྲེལ་བའི་གློག་རྡུལ་ཚོང་དོན་དང་ཐད་གཏོང་སྐུལ་ཚོང་སོགས་བྱ་ཐབས་བརྒྱུད།  ས་ཆ་དེ་གའི་བྲིན་ཁ་མི་རྒྱུག་པའི་ཞིང་ལས་ཐོན་རྫས་ཀྱི་བྲིན་ཚོང་ལམ་བུ་བཏོད་ཐུབ་ནས།  ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར ༤.༨༢ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༣༩ འཕར་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]