རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ལ་དངུལ་རྩའི་ཐད་ནས་རོཌ་སྐྱོར་ཤུཌ་ཆེ་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༧ ལོའི་ཚུན་དུ།  ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས ༢༨ དོན་འཁྱོལ་ཡག་པོ་བྱས་ནས།  དམངས་གཉེར་ཁེ་ལས་ལ་དངུལ་རྩའི་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་དངུལ་བུན་གཏོང་ཚད་རྒྱུན་མཐུད་མང་དུ་བཏང་སྟེ།  རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།
ད་ལོའི་སྤྱི་ཟླ་དྲུག་པའི་བར།  ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་བུན་སྒོར་དུང་ཕྱུར ༡༠༧༠ ལྷག་ཙམ་བཏང་ཡོད་པ་དང་།  བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ཉེ་བའི་ལོ་གསུམ་ནང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དམངས་གཉེར་ཁེ་ལས ༧༠༣ ལ་དངུལ་བུན་སྒོར་དུང་ཕྱུར ༦༧ ལྷག་ཙམ་བཏང་བ་དང་ཆབས་ཅིག  ད་ལོའི་ཚུན་དུ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས།  ལྗོངས་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་ལ་དངུལ་བུན་གཏོང་བའི་ལས་སྒོ་ཐེངས ༦༥༦ ཚུད་པའི་ཁེ་ལས་ལ་དངུལ་བུན་གཏོང་བའི་ལས་སྒོ་ཐེངས ༧༤༤ གཉེར་ཡོད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]