རང་ལྗོངས་སུ་ཉིང་སྐྱུར་བརྟག་དཔྱད་ལས་དོན་ཞིབ་ཚགས་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མེས་ནས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་།  རང་སྐྱོང་ལྗོངས་རིམས་འགོག་ཚོད་འཛིན་ལྟེ་གནས།  ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་ལྷ་སའི་ཉིང་སྐྱུར་བརྟག་དཔྱད་བྱེད་གནས་ཚང་མར་ཕེབས་ཏེ།  ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་དེང་སྐབས་ནད་ཡམས་དུས་བབ་སྔར་བཞིན་བརྟན་པོ་མེད་པ་མ་ཟད།  དགུན་དུས་དང་སྟོན་དུས་གཉིས་ནི་ཆམ་རིམས་ཐོན་མང་བའི་དུས་ཡིན་པས།  ནད་ཡམས་འགོག་ཟོན་ལས་ཀར་ལྷོད་གཡེང་སྤུ་ཙམ་བྱེད་མི་རུང་བ་དང་།  རིམ་ཁག་ཚན་པ་ཁག་ནས་འགོག་ཟོན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་སྟེ།  ནད་པ་སྐྱོབ་བཅོས་ནུས་པ་མཐོ་རུ་གཏོང་དགོས་པ་མ་ཟད།  ཉམས་མྱོང་བཟང་པོར་སློབ་སྦྱོང་བྱས་ཏེ་ཚན་རིག་དང་མཐུན་པའི་ཇུས་གཞི་བཟོས་ནས།  ཆ་འཕྲིན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཉིང་སྐྱུར་བརྟག་དཔྱད་ཀྱི་ནུས་པ་དང་ཕན་འབྲས་མཐོ་རུ་གཏོང་དགོས་པ།  ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་རིམས་ནད་རིག་པའི་བརྟག་དཔྱད་དུས་ཐོག་ཏུ་སྤེལ་ཐོག གཅིག་བསྡུས་གསོ་རིག་ལྟ་ཞིབ་སོགས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་གནད་འཕིགས་བྱས་ཏེ།  ཉིང་སྐྱུར་བརྟག་དཔྱད་ལས་འགན་སྤུས་ལེགས་ངང་ལེགས་སྒྲུབ་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]