ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་རྒྱུད་ཀྱི་རྫམ་ཟམ་ཆེན་ཐོག་ལྕགས་ལམ་བཏིང་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༠ ཉིན།  ཁྲོན་བོད་ལྕགས་ལམ་གྱི་གལ་ཆེའི་ཚོད་འཛིན་རང་བཞིན་གྱི་ལས་གཞི་སྟེ་རྫམ་ཡར་ཀླུང་གཙང་པོའི་ཟམ་ཆེན་ལ་ལྕགས་ལམ་བཏིང་ཟིན་པ་རེད།  རྫམ་ཟམ་ཆེན་དེ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཁོངས་སུ་གནས་པ་དང༌ཟམ་པ་ཧྲིལ་པོའི་རིང་ཚད་སྤྱི་ཁྲེ ༥༢༥.༡ ཡོད་པ་དང༌།  དེང་སྐབས་རྒྱལ་ནང་གི་རིགས་གཅིག་པའི་ཟམ་པའི་ནང་ནས་རིང་ཤོས་ཀྱི་ངར་ལྕགས་དང་ཨར་འདམ་ལུགས་མའི་གཞུ་དབྱིབས་ཟམ་པ་ཞིག་རེད།  
ཀྲུང་གོ་ལྕགས་ལམ་ཅུད་བཅུ་གཅིག་པའི་ལྷ་ཉིང་ལྕགས་ལམ་ལམ་འདིང་རྣམ་གྲངས་ཏང་ཨུད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་ཅུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན།  ཐེངས་འདིའི་རྫམ་ཟམ་ཆེན་ལ་ལྕགས་ལམ་བདེ་བླག་ངང་བཏིང་པའི་ཐོག་ནས་ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྒྱུར་མཐུན་རྐྱེན་གང་ལེགས་སྦྱར་པ་མཚོན་ཡོད།  
དུས་ཐོག་ཏུ་ལས་གཞི་ལག་བསྟར་ཐུབ་པ་བྱ་ཆེད།  ཀྲུང་གོ་ལྕགས་ལམ་ཅུད་བཅུ་གཅིག་པའི་ལྷ་ཉིང་ལྕགས་ལམ་ལམ་འདིང་རུ་ཁག་གི་འཛུགས་སྐྲུན་པས་ཉིན་མཚན་བལྟོས་མེད་ངང་ལྕགས་ལམ་གཏིང་བའི་ལས་དོན་ཧུར་ཐག་སྤེལ་བ་རེད།  
ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་རྒྱུད་ནི་བོད་ཀྱི་གློག་རླངས་ཅན་ལྕགས་ལམ་དང་པོ་དེ་ཡིན་ལ།  གྲོང་ཁྱེར་གཙོ་བོ་གཉིས་སྟེ་ལྷ་ས་དང་ཉིང་ཁྲིར་སྦྲེལ་མཐུད་བྱས་པའི་ལྕགས་ལམ་ཞིག་ཀྱང་ཡིན།  སྤྱི་ལོ ༢༠༡༨ ལོའི་ཟླ ༩ པ་ནས་བཟུང་ཁྱོན་ཡོངས་ནས་ལྕགས་ལམ་སྐྲུན་འགོ་ཚུགས་པ་དང་ད་བར་ལྷ་ཉིང་ལྕགས་ལམ་སྤྱི་ལེ ༡༦༨ བཏིང་ཟིན་ནས།  སྤྱིའི་ལས་འགན་གྱི་བརྒྱ་ཆ ༤༢ ལེགས་སྒྲུབ་ཟིན་ཏེ་སྤྱི་ལོ ༢༠༢༡ ལོར་མེ་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]