ལོ་ལེགས་ཀྱི་དུས་འདིར་གྲོན་ཆུང་གླེང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ལོ་ལེགས་ཀྱི་དུས་འདིར་གྲོན་ཆུང་གླེང་ཞེས་པའི་དཔྱད་གཏམ་ཐུང་ངུ་ཞིག་སྤེལ་ཡོད།

དཔྱད་གཏམ་ནང་གངས་ལྗོངས་ས་མཐོའི་མི་རྣམས་ཀྱིས་རི་ཀླུང་གང་སར་ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བཞིན་པའི་སྟོན་དུས་ལ་བསུ་བ་ཞུ་བཞིན་ཡོད་པ་དེ་ནི།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་དང༌།  ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་འདོམས་འོག་ཕྱར་བ་གྲུ་འདེགས་ངང་ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་རྒྱུར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་མ་ཟད།  ནད་ཡམས་འགོག་ཟོན་བྱེད་རྒྱུ་རྒྱུན་རྣམ་ཅན་དུ་གྱུར་བའི་སྐབས་བསུས་པའི་དུས་བཟང་ཞིག་དང༌།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས།  བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དུས་མཚམས་གལ་ཆེན་འདིར་བསུས་པའི་དུས་བཟང་ཤིག་ཀྱང་རེད།  ལོ་ལེགས་ཀྱི་དུས་བཟང་འདིར་མི་རྣམས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་།  ད་ལོ་ལོ་ལེགས་འདི་ལྟ་བུ་བྱུང་བ་ནི་ལས་སླ་པོར་བྱུང་བ་ཞིག་ག་ལ་ཡིན།  དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་གནང་བའི་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་རུང༌།  འབྲུ་རིགས་འཕྲོ་བརླག་མི་འགྲོ་བ་བྱེད་རྒྱུའི་ཐད་ད་དུང་ཐོག་མཐའ་བར་གསུམ་དུ་སྣང་ཆེན་བྱེད་དགོས་ཀྱི་རེད།  ཏོག་གསར་གློ་ཚད་ནད་ཡམས་ཀྱིས་འདི་ལོ་གོ་ལ་ཧྲིལ་པོར་བཟོས་པའི་ཤུགས་རྐྱེན་གྱིས་ང་ཚོར་ཉེན་བརྡ་བཏང་ཡོད།  ཉེན་ཁ་དང་འགྲན་སློང་ཇི་ཙམ་གྱི་ཆེ་ན་དེ་ཙམ་གྱིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་པ་དང༌།  འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་བྱེད་རྒྱུར་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་རང་རྐྱ་འཕེར་བའི་སྒོ་ནས་ཟ་འབྲུ་ཐོན་སྐྱེད་ཐུབ་པ་བྱེད་དགོས་ལ།  འབྲུ་རིགས་གྲོན་ཆུང་བྱས་ནས་འཕྲོ་བརླག་གཏོང་བའི་རིགས་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་ཅེས་འཁོད་ཡོད།

དཔྱད་གཏམ་ནང་གྲོན་ཆུང་བསྲི་ཚགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་རེད་ལ།  ལས་སྒྲུབ་ལས་གཏོད་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་རེད།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་གཏོད་རྒྱུའི་དཀའ་ཚེགས་ཆེ་བའི་ལས་འགན་དང་།  སྔར་འཕྲད་མྱོང་མེད་པའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཁྲོད་ང་ཚོས་གྲོན་ཆུང་གི་སྲོལ་བཟང་དང༌སྤྱོད་བཟང༌།  ཞུམ་མེད་བློ་སྟོབས།  འབད་འཐབ་ཀྱི་སྙིང་སྟོབས་བཅས་སྔར་བས་དར་འཕེལ་གཏོང་དགོས་པ་དང༌།  ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ཏེ་གྲོན་ཆུང་བསྲི་ཚགས་དར་སྤེལ་ཤུགས་ཆེན་བཏང་ནས་འབྲུ་རིགས་ལ་གཅེས་སྤྲས་དང་ཡ་རབས་ཀྱི་འཚོ་བར་རོལ་བ།  ཚན་རིག་དང་མཐུན་པའི་ངང་ཟ་བཏུང་ལ་རོལ་བ།  སྡེར་གཙང་བྱ་སྤྱོད་སོགས་ཀྱི་འདུ་ཤེས་དག་ཟ་ཁང་དང༌སྡེ་ཁུལ།  ཞིང་འབྲོག་ཁུལ།  ལས་ཁུངས་ཚན་པ།  སློབ་གྲྭ  ཁྱིམ་ཚང༌།  དྲ་རྒྱ་བཅས་སུ་ཁྱབ་ཐུབ་པ་བྱས་ནས་གྲོན་ཆུང་བསྲི་ཚགས་ཀྱི་གོམས་གཤིས་བཟང་པོ་འཇགས་ཐུབ་པ་བྱས་ཏེ་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]