您没有安装FlashPlayer或版本太低, 请点击获得最新版本FlashPlayer
དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་རང་ལྗོངས་ཀྱིས་སྤྱི་ཚོགས་དབུལ་སྐྱོར་ལས་དོན་གྱི་བསམ་གཞི་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་བྱས་པའི་ཁར། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་དམངས་གཉེར་ཁེ་ལས་སོགས་སྤྱི་ཚོགས་རྩ་འཛུགས་དབུལ་གྲོལ་འགག་སྒྲོལ་དམག་འཐབ་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་མ་ཟད། སྤྱི་ཚོགས་དབུལ་སྐྱོར་གྱི་གྲོགས་ཚོགས་ཀྱང་རྒྱ་ཆེར་བཏང་བས་སྤྱི་ཚོགས་དབུལ་སྐྱོར་གྱི་རྣམ་པ་རིམ་བཞིན་ཆགས་ནས་ཕན་པ་ཐོབ་པའི་མང་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད།།