您没有安装FlashPlayer或版本太低, 请点击获得最新版本FlashPlayer
རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་མཚན་སྙན་ཐོབ་མཁན་རང་ལྗོངས་ཀྱི་འཐུས་མི་གཟི་བརྗིད་ངང་ཕྱིར་ལོག་བྱས་པ་དང་། སྤྱི་ཚེས ༢༧ ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེས་ལྷ་སར་ཚང་མ་དང་བཞུགས་མོལ་གནང་ནས་ཁོང་ཚོར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ཁོང་ཚོ་བརྒྱུད་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཆེན་པོ་འབུལ་མཁན་རང་ལྗོངས་ཀྱི་བཟོ་པའི་གྲལ་རིམ་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམ་འདྲི་ཞུས་པ་རེད།།