རང་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ལས་དོན་ཏན་ཏིག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་ནས།  གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་དང་ནག་གཤེད་ཕྱོགས་གཏོགས་རྩ་མེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར་དང་།  གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་གི་ལག་བསྟར་ཇུས་གཞིར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་མ་ཟད།  གོམ་སྟབས་རྗེས་མའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྗོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གི་ཀྲུའུ་རེན་ཧོ་ཝན་ཧའོ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཧོ་ཝན་ཧའོ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཚུགས་གནས་དེ་བས་མཐོ་བའི་སྒོ་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་།  མང་ཚོགས་ཀྱིས་གླེང་མང་བ་དང་གནད་དོན་ཅུང་མངོན་གསལ་དོད་པའི་ས་གནས་དང་ལས་རིགས་ཁྱབ་ཁོངས་བཅས་ལ་ཁྲིམས་བཞིན་གཙོ་གནད་ཐོག་བཅོས་སྒྲིག་བྱས་ཏེ།  ནག་གཤེད་ཕྱོགས་གཏོགས་གཙང་སེལ་བྱེད་པ་དང་རྒྱབ་རྩ་གཏོར་བ།  ཟ་ལམ་གཅོད་པ་བཅས་བྱེད་དགོས་པ་དང་།  རིམ་ཁག་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་ལས་རིགས་ཚན་པས་ཞིབ་ཕྲའི་འགན་འཁུར་བ།  སྤྱི་ཚོགས་སྟོབས་ཤུགས་རྒྱ་ཁྱབ་ངང་ཐེ་ཞུགས་བྱེད་པ་བཅས་ཀྱི་ལས་ཀའི་མ་ལག་གཏོད་དེ།  གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་ཀར་དམ་འཛིན་ཏན་ཏིག་བྱེད་རྒྱུ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]