ཆེ་དགྲ་ལྷས་ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་གྱི་བྱ་ཐབས་ཁག་དམ་འཛིན་ཏན་ཏིག་བྱེད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་འདུ་འཛོམས་རང་བཞིན་གྱི་ནད་ཡམས་ནན་འགོག་བྱས་ནས་སྟོན་དགུན་གཉིས་ཀྱི་འགོག་ཟོན་ལས་དོན་ཡག་པོ་སྒྲུབ་རྒྱུའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
བརྙན་འཕྲིན་ཁ་པར་ཚོགས་འདུ་གྲོལ་རྗེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེ་མོ་ལེའུ་ཅང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡན་ཆིན་དང་བློ་མེས་བཅས་ཚོགས་འདུར་ཕེབས་ཡོད།
ཆེ་དགྲ་ལྷས་ད་ཆ་རྒྱལ་ཁབ་ཕྱི་ནང་གི་ནད་ཡམས་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་ཛ་དྲག་པོ་ཡོད་པས།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ལྷོད་གཡེང་དང་བག་ཕེབས་ཀྱི་བསམ་པ་དོར་ནས་ནད་ཡམས་འགོག་ཟོན་རྒྱུན་རྣམ་ཅན་གྱི་བྱ་ཐབས་ཁག་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་།  མུ་མཐུད་འགག་སྒོ་བརྟན་སྲུང་ཐོག་ནད་ཡམས་ཕྱི་ནས་འགོས་ཁྱབ་ཡོང་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས།  ཉེན་ཁ་ཆེ་འབྲིང་གི་ས་གནས་ནས་བོད་དུ་ཡོང་མཁན་ལ་ཞིབ་བཤེར་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ།  ལྟ་ཞིབ་ཚད་ལེན་དང་ཞིབ་བཤེར།  སྔོན་བརྡ།  དེ་བཞིན་གཙོ་གནད་མི་ཚོགས་དང་བྱེད་སྒོ་སྤེལ་གནས་བཅས་སུ་འགོག་ཟོན་ལས་དོན་ཡག་པོ་སྒྲུབ་དགོས་པ།  གནས་ཚུལ་དང་ཉེན་ཁ་རིམ་པ་མི་འདྲ་བར་དམིགས་པའི་ཐག་གཅོད་བྱེད་སྟངས་ཞིབ་འཇུག་བྱས་ཐོག་ཚད་ལྡན་བཟོ་བ་དང་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་སྟེ།  འདུ་འཛོམས་རང་བཞིན་གྱི་ནད་ཡམས་ཐོན་རྒྱུར་ནན་འགོག་བྱས་ནས།  ནད་ཡམས་ཐག་གཅོད་ཀྱི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ།  བདེ་ཐང་བཤེར་རྟགས་བེད་སྤྱོད་དོ་དམ་བྱེད་སྟངས་སྔར་བས་འཐུས་སྒོ་ཚང་དུ་དང་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ།  དུས་ཐོག་ཏུ་འགོག་ཟོན་བྱ་ཐབས་ཀྱི་བླང་བྱ་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་ནས།  ནད་ཡམས་འགོག་ཟོན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་དུས་རབས་གསར་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་དགོས་པ།  མུ་མཐུད་ཁོངས་གཏོགས་དང་ཚན་པ།  ལས་ཁུངས།  མི་སྒེར་དང་ཁྱིམ་ཚང་བཅས་ཕྱོགས་བཞིའི་འགན་འཁྲི་ནན་དུ་གཏོང་བ་དང་།  ནད་ཡམས་འགོག་ཟོན་ལ་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ།  ནད་ཡམས་འགོག་ཟོན་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་བརྟན་དུ་གཏོང་བ་དང་སྟོན་དགུན་གཉིས་ཀྱི་ནད་ཡམས་འགོག་ཟོན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]