གྲེན་ཡུང་ཇིས་ལྗོངས་ཡོངས་ཀྱི་རྩ་འཛུགས་པུའི་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་ཆར།  ལྗོངས་ཡོངས་ཀྱི་རྩ་འཛུགས་པུའི་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་མ་ཟད།  ད་དུང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་གྱིས་རྩ་འཛུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་།  ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་པོས་ཡག་པོ་བསྒྲུབ་རྒྱུ་བཀོད་སྒྲིག་ཀྱང་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཇིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

གྲེན་ཡུང་ཇིས་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་ནི་རྩ་འཛུགས་སྡེ་ཚན་གྱི་ལས་འགན་གཙོ་བོ་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ་དང་།   དམ་འཛིན་ཡག་པོ་བྱེད་དགོས་པ་ལྔཡི་རྩ་བའི་བླང་བྱ་ནན་ཏན་ངང་ལག་བསྟར་བྱས་ཏེ།  ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་།  བསམ་བློ་འཛུགས་སྐྱོང་།  རྩ་འཛུགས་འཛུགས་སྐྱོང་།  སྤྱོད་ཚུལ་འཛུགས་སྐྱོང་།  སྒྲིག་ལམ་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་།  ལམ་ལུགས་འཛུགས་སྐྱོང་དེའི་ཁྲོད་ཁྱབ་པར་བྱེད་པ།  རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ་བཅས་ཀྱིས་རང་ལྗོངས་ཀྱི་རྩ་འཛུགས་ལས་དོན་ལམ་ལུགས་ཅན་དང་།  ཚད་ལྡན་ཅན།  ཚན་རིག་ཅན་བཅས་སུ་འགྱུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

གྲེན་ཡུང་ཇིས་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དང་ལོ་སྟོད་དུ་གཏན་འཁེལ་བྱས་པའི་དམིགས་ཚད་དང་ཡང་ཡང་བསྡུར་ཏེ།  ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་།  ཕྱི་ཚུལ་རིང་ལུགས་སྤོང་གང་ཐུབ།  དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་བཅས་བྱས་ནས་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]