ལྗོངས་མི་དམངས་འཐུས་ཚོགས་སྐབས༡༡པའི་རྒྱུན་ཨུད་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས༥༩པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༣ ཉིན་གྱི་ཕྱི་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས ༥༩ པ་གཙོ་སྐྱོང་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་།  ཞུས་ཞུའེ་ཀོང་།  འཆི་མེད་རིག་འཛིན།  ཅུས་ཅན་ཧྭ།  ལི་ཝུན་ཧན།  ཉི་མ་ཚེ་རིང་།  ཅི་གོ་ཀང་།  ཝང་ཅུན་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་འབྲེལ་ཡོད་གྲོས་གཞིར་དམིགས་ཏེ།   བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག༼འཆར་ཟིན༽བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་།  བོད་རང་སྐྱོང་ལྗོངས་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་སྲོལ་ཡིག༼འཆར་ཟིན༽བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམསལག་བསྟར་བྱས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བཟོ་བཅོས་འཆར་ཟིན༼མ་ཟིན༽དང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམསལག་བསྟར་བྱས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བཟོ་བཅོས་འཆར་ཟིན༼མ་ཟིན༽  བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་བྱ་ཐབས་ཀྱི་བཟོ་བཅོས་འཆར་ཟིན༼མ་ཟིན༽བཅས་ཀྱི་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ།  ལྷོ་ཁ་གྲོང་ཁྱེར་གྱི་བྱེ་རྡོའི་རྒྱུ་ཆ་སྔོག་འདོན་དོ་དམ་སྲོལ་ཡིགདངལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིགསྐོར་གྱི་ཞིབ་བཤེར་སྙན་ཞུ།  རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་གོང་འཕེལ་འགྲོ་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ།  དངུལ་རྩས་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ།  འདི་ལོ་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ།  འདི་ལོ་ཚུན་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙོན་ཁང་བཅའ་ཁྲིམསལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམསཀྱི་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུ་དོན་འཁྱོལ་བྱས་ཚུལ་ལ་རྗེས་སྙེགས་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་བཅས་གསན་པ་དང་།  གཞིས་རྩེ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་མི་གྲངས་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་མི་གྲངས་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས༼འཆར་ཟིན༽ལ་གྲོས་ཞིབ་བྱེད་རྒྱུར་ཕུལ་བའི་གྲོས་གཞི་དང་འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་སྤྱི་བསྒྲགས(མ་ཟིན)སོགས་ལ་ཞིབ་འཇུག་བྱས་པ་དང་ཆབས་ཅིག་གོང་གསལ་འབྲེལ་ཡོད་དོན་ཚན་རྣམས་གོ་རིམ་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གྲོས་ཞིབ་བྱེད་རྒྱུར་འབུལ་བའམ་ཡང་ན་ཚོགས་འདུའི་ཐོག་བཀྲམ་རྒྱུའི་མོས་མཐུན་བྱས་པ་རེད།

ཚོགས་འདུའི་ཐོག་ད་དུང་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༢༠ ལོའི་ལོ་སྟོད་ཀྱི་སྲིད་གཞུང་གི་བུ་ལོན་དོ་དམ་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་བློ་འདྲིའི་རིགས་གཅིག་མཁས་ཅན་མཛོད་ཀྱི་འབྲེལ་ཡོད་གནས་ཚུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྙན་ཞུ་སོགས་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཉིན་རེའི་གྲོས་རིམ་ལེགས་སྒྲིག་བྱས་ཚུལ་གྱི་སྙན་ཞུ་གསན་པ་དང་།  ད་དུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་གཞུང་དོན་ཐིང་དང་ཆེད་དོན་ལས་དོན་ཨུ་ལྷན་ཁག་གིས་དཔྱད་ཡིག་གི་སྤུས་ཚད་ཀྱི་འགག་སྒོ་ཡག་པོ་སྲུང་བ་དང་ཚོགས་འདུའི་སྒྲིག་ཁྲིམས་ནན་དུ་བཏང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པ་དངོས་སྒྲུབ་དང་།  ནུས་ཆེ།  ཕུན་སུམ་ཚོགས་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད།།

  ༼  རྩོམ་སྒྲིག་ཚེ་རིངགཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]