您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཨུད་ཀྱི་ཀྲུའུ་རེན་ཝང་ཝེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་འཚོགས་གནང་ནས། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུའི་ཀྲུང་དབྱང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གནང་བ་མ་ཟད་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ཐད་ལ་ཡང་ཞིབ་འཇུག་གནང་བ་རེད།
ཝང་ཝེ་ཏུང་ནས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་སྲོལ་ལམ་ལུགས་བེད་སྤྱོད་ཡག་པོ་བྱས་ནས་ཁྲིམས་ལུགས་དང་སྒྲིག་ལམ་གྱི་གཞི་འཛིན་ས་ཡོད་པ་བྱེད་དགོས་པ་དང་། དབང་ཚད་དང་སྒྲིག་སྲོལ། གོ་རིམ་བཅས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་སྟེ་ལྟ་སྐུལ་ཞིབ་བཤེར་དང་ཞིབ་དཔྱད་བརྟག་ཞིབ་ལས་དོན་ཁྲིམས་བཞིན་བསྒྲུབ་རྒྱུ་འགན་སྲུང་བྱེད་དགོས་པ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། སྒྲིག་སྐྱོང་དང་ཁྲིམས་སྐྱོང་ཐད་ཀྱི་སྒྲིག་འགལ་ཁྲིམས་འགལ་རིགས་ཐག་གཅོད་ནན་པོ་དང་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་བཏང་ཐོག་རྒྱ་ཡན་དུ་རྩ་བ་ནས་མི་འགྲོ་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།