ཡན་ཅིན་ཧའེ་ཡིས་སྔ་རྗེས་སུ་རང་ལྗོངས་ཀྱི་མང་ཚོགས་རང་བཞིན་གྱི་ཚོགས་པ་ཁག་གཅིག་ཏུ་ལས་དོན་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཡིས་སྔ་རྗེས་སུ་གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ཡོན་ལྷན་ཁང་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས།  བོད་ལྗོངས་ཚན་རྩལ་མཐུན་ཚོགས།  ལྗོངས་རྒྱ་གྲམ་དམར་པོ་ཚོགས་པ།  ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས།  ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་སུ་ཕེབས་ནས་མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས་ཀྱི་ལས་ཀའི་ཐད་བརྟག་ཞིབ་གནང་བ་མ་ཟད།  ལས་བྱེད་ལས་བཟོ་པར་གཟིགས་པ་དང་འཚམ་འདྲི་ཡང་གནང་ཡོད།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད་ཀྱིས་སྤྱི་ཁྱབ་བཟོ་ཚོགས་སུ་ལྷན་དུ་བརྟག་ཞིབ་གནང་ཡོད།

གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ཡོན་ལྷན་ཁང་དུ་ཡན་ཅིན་ཧའེ་ནས།  རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་བསྟུན་ཏེ་འགན་འཁྲི་གཙང་སྒྲུབ་དང་ནུས་པ་འདོན་སྤེལ་བྱས་ནས།  མི་རིགས་ཁག་དབར་གྱི་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞོན་ནུ་ཚོས་ཡང་དག་པའི་འཛམ་གླིང་གི་ལྟ་བ་དང་མི་ཚེའི་ལྟ་བ།  རིན་ཐང་གི་ལྟ་བ་བཅས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།

ལྗོངས་སྤྱི་ཁྱབ་བཟོ་ཚོགས་དཀའ་ངལ་ཡོད་པའི་ལས་བཟོའི་རོགས་སྐྱོར་ལྟེ་གནས་སུ་ཡན་ཅིན་ཧའེ་ནས།  རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ལས་བཟོ་པར་ཞབས་ཞུ་སྒྲུབ་པ་དང་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐད་མུ་མཐུད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ཐོག  ངོས་འཛིན་གནད་འཕིགས་དང་ཇུས་འགོད་གནད་འཕིགས།  རོགས་སྐྱོར་གནད་འཕིགས་བཅས་ཀྱི་སྒོ་ནས་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་དགོས་པའི་མཛུབ་སྟོན་གནང་ཡོད།

བོད་ལྗོངས་ཚན་རྩལ་མཐུན་ཚོགས་སུ་ཡན་ཅིན་ཧའེ་ནས།  རྒྱ་ཆེའི་ཚན་རྩལ་ལས་དོན་པས་མཐུན་སྒྲིལ་སྣེ་ཁྲིད་ངང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་བྱས་ཏེ།  ཚན་རྩལ་གསར་གཏོད་དང་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་གསུང་གནང་ཡོད།

ལྗོངས་རྒྱ་གྲམ་དམར་པོ་ཚོགས་པར་ཡན་ཅིན་ཧའེ་ནས།  ལྗོངས་རྒྱ་གྲམ་དམར་པོ་ཚོགས་པས་འཕྲལ་སྡོམ་སྐྱོབ་བཅོས་ཀྱི་སྦྱོང་བརྡར་ལས་དོན་ལ་མཐོང་ཆེན་བྱས་ཏེ་སྦྱོང་བརྡར་གྱི་སྤུས་ཚད་ལེགས་སུ་གཏོང་དགོས་པ་དང་།  གྲངས་གཞི་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ།  རང་ལྗོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་གསུང་གནང་ཡོད།

ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་ཡན་ཅིན་ཧའེ་ནས།  བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉམ་ཐག་མི་ཚོགས་ལ་ཐུགས་ཁུར་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་བུད་མེད་ཀྱིས་གནམ་ཕྱེད་ཀ་འདེགས་པའི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་དགོས་པ་དང་།  རྒྱ་ཆེའི་ལས་འཁྱུར་རྒན་ཡོལ་ཞུས་པའི་བློ་མཐུན་གྱི་ངལ་གསོའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་པའི་ནན་གསུང་གནང་ཡོད།

དེ་རྗེས་ཡན་ཅིན་ཧའེ་ཡིས་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲག་སྐྱེད་སྦྱོང་བརྡར་ལྟེ་གནས་དང་དབང་པོ་སྐྱོན་ཅན་གྱི་ལས་གཏོད་བྱེད་སྒོ་ལྟེ་གནས་སུ་གཟིགས་ཞིབ་གནང་བར་ཕེབས་ཏེ།  དབང་པོ་སྐྱོན་ཅན་མི་སྣར་སྨན་བཅོས་དང་ལས་ཞུགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད།  ཁྱེད་ཚོས་སེམས་ཤུགས་དང་གདེང་ཚོད་ཡོད་པའི་སྒོ་ནས་རྩལ་ནུས་དང་འཇོན་ཐང་ཡག་པོ་སྦྱངས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དགོས་ཅེས་སྐུལ་ལྕག་ཀྱང་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]