您没有安装FlashPlayer或版本太低, 请点击获得最新版本FlashPlayer
རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་ཞིང་འབྲོག་མང་ཚོགས་ལས་ཞུགས་སྤོ་འགྱུར་ཐུབ་རྒྱུར་གོ་སྐབས་སྦྱིན་ཡོད་ལ། ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་ཡང་གྱུར་ཡོད། རང་ལྗོངས་ཀྱིས་སྤྱི་ལོ ༢༠༡༩ ལོ་འཁོར་མོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་ཚོ ༤༠༠༠ ལས་བརྒལ་བ་དང་ཡོང་འབབ་སྒོར་དུང་ཕྱུར ༥༦༠ ཟིན་ཡོད་ལ། ཞིང་འབྲོག་མང་ཚོགས་ཁྲི་ཚོ ༤༠ ཡིས་ཡུལ་སྐོར་ཐོན་ལས་ནང་ཞུགས་ཏེ་འབབ་འཕར་བྱུང་བས་ཡུལ་སྐོར་ལས་རིགས་ཀྱིས་དབུལ་གྲོལ་འགག་སྒྲོལ་ལས་དོན་ལ་སྔར་བས་རམ་འདེགས་ཐུབ་ཡོད།།