རང་ལྗོངས་དམངས་གཉེར་ཁེ་ལས་ཀྱིས་ལས་མི་མང་པོ་འསྡུས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རིམས་ནད་འགོག་ཟོན་རྒྱུན་རྣམ་ཅན་དུ་བྱེད་པའི་འོག་རིགས་ཁག་གི་ལས་ཞུགས་ལས་གཏོད་སྔར་བས་ཡག་པོ་སྒྲུབ་ཆེད།  སྤྱི་ཟླ ༧ པའི་ཚེས ༢༠ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་དམངས་གཉེར་ཁེ་ལས་ཀྱིས་ད་ལོའི་ལས་མི་གདན་ཞུའི་འདུ་ཚོགསཆེ་གྲས་ཤིག་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་ཐང་ཆེན་དུ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས།  ད་ཐེངས་ཀྱི་ལས་མི་གདན་ཞུའི་འདུ་ཚོགས་ཐོག་མི་སྤྱོད་ཚན་པ ༣༤༨ ཀྱིས་ལས་གནས ༥༦༩༨ མཁོ་འདོན་བྱས་ཡོད་པ་དེ་དག་བྲིན་ཚོང་དང་ཆ་འཕྲིན་ལག་རྩལ།  གཞུང་ལས་ཁང་གི་དྲུང་ཡིག  རྩིས་པ།  མགྲོན་ཁང་དོ་དམ་སོགས་ལས་རིགས ༤༠ ལྷག་ཙམ་དང་འབྲེལ་བ་ཡོད་པ།  ལས་ཀ་འཚོལ་མཁན་ལ་གདམ་ག་བྱེད་ཤེད་ཆེན་པོ་མཁོ་འདོན་བྱས་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ནང་ཞུགས་མཁན་མི་ཐེངས ༥༤༠༠ ལྷག་ཙམ་ཟིན་ཡོད་པ་དང་།  ས་གནས་ས་ཐོག་ཏུ་ངོ་རྒྱུགས་སྤྲད་ནས་མི་སྣའི་ལོ་རྒྱུས་མདོར་བསྡུས ༢༥༨༠ བསྡུས་ཡོད་པ་དང་།  ས་གནས་ས་ཐོག་ཏུ་ལས་རིགས་མཛུབ་ཁྲིད་དང་སྲིད་ཇུས་བློ་འདྲི་སོགས་མི་ཐེངས ༣༠༠༠ ལྷག་ཙམ་ལ་ལས་ཞུགས་ཞབས་ཞུ་བསྒྲུབས་པ།  ལས་ཞུགས་སྐུལ་སྤེལ་བཅའ་ཁྲིམས་དང་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས།  ངལ་རྩོལ་རྩོད་གླེང་འདུམ་གཅོད་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྣ་ཚོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་ཁྱོན ༤༦༠༠ ལྷག་ཙམ་སྤྲད་ཡོད།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]