དམངས་ཡོངས་ནས་བདེ་ཐང་ཀྲུང་གོ་སྲུང་སྐྱོང་བྱེད་ཅེས་པའི་སྤྱི་ཕན་བྱ་སྤྱོད་ལྷ་སར་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཤིན་ཧྭ་གསར་འགྱུར་ཁང་མི་རིགས་ཚོན་རྟགས་ལས་གྲྭའི་གཞུང་ལས་ཁང་དང་།  འཇུ་རྨུ་ཚོགས་པ།  ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག  དམངས་ཡོངས་ནས་བདེ་ཐང་ཀྲུང་གོ་སྲུང་སྐྱོང་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ཕན་བྱ་སྤྱོད་དང་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ལ་ཞལ་འདེབས་རྒྱག་པའི་མཛད་སྒོ་ལྷ་སར་གཉེར་བ་རེད།  འཇུ་རྨུ་ཚོགས་པས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ལ་རིན་ཐང་སྒོར་ཁྲི་ཚོ ༡༠༠ ཙམ་ཟིན་པའི་ཆུ་གཙང་སེལ་སྒྲིག་ཆས་ཞལ་འདེབས་བརྒྱབ་པ་རེད།

བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ལིའུ་དབྱི་ཇོན་གྱིས།  བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ལ་ཤིན་ཧྭ་གསར་འགྱུར་ཁང་དང་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ།  འཇུ་རྨུ་ཚོགས་པ་བཅས་ཀྱིས་ཞལ་འདེབས་བརྒྱབ་པར་ཐུགས་རྗེ་ཆེ་ཞུས་པ་དང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་སྒྲིག་ཁྲིམས་ནན་སྲུང་།  ཤི་གསོན་ལ་མི་སྐྲག་པ།  མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་།  བདེ་འཇགས་ཀྱི་ཉེན་ཁ་ཚབ་ཆེན་སྔོན་འགོག་དང་སེལ་བ་དང་།  རིགས་ཁག་གནོད་འཚེ་དང་དང་ལས་འཛོལ་ཁ་གཏད་གཅོག་པའི་བརྗིད་ཆེའི་འགན་ནུས་ཡག་པོ་འཁུར་བ་དང་།  ཉེན་སྐྱོབ་གེགས་སེལ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་འགན་ཁག་སྒྲུབ་སྟེ་ཏང་དང་མི་དམངས་ཀྱི་སྲུང་སྐྱོང་པ་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་གསུངས།

ཤེས་རྟོགས་བྱས་པར་གཞིགས་ན།  འཇུ་རྨུ་ཚོགས་པས་ད་ཐེངས་ཀྱི་བྱེད་སྒོ་དེ་འགོ་འཛུགས་ས་བྱས་ཏེ།  ཕྱོགས་ཡོངས་ནས་བདེ་ཐང་ཀྲུང་གོའི་དགེ་སྒྲུབ་བྱ་སྤྱོད་ལག་བསྟར་བྱས་ནས།  མཉམ་སྐྲུན་མཉམ་རོལ་དང་དམངས་ཡོངས་བདེ་ཐང་ཞེས་བརྗོད་དོན་གཙོ་བོ་བྱས་པའི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཐད་རམ་འདེགས་གང་ལེགས་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]