བོད་ལྗོངས་མཁའ་འགྲུལ་ཀུང་སིར་གནམ་གྲུ༣༥བར་མང་དུ་ཕྱིན།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༩ ཚེས ༡༥ ཉིན་གྱི་ཆུ་ཚོད ༡༣ དང་སྐར་མ ༠༨ ཐོག  A༣༡༩ འམ B-༣༠༩Vརྟགས་ཅན་གྱི་གནམ་གྲུ་གསར་རྐྱང་ཞིག་ཁྲེང་ཏུའི་ཧྲོང་ལིའུ་རྒྱལ་སྤྱིའི་འབབ་ཐང་དུ་བདེ་བླག་ངང་བབས་ཡོད།  དེ་ནི་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཨང་ ༣༥ པ་དེ་རེད།  དེ་སྔའི A༣༡༩ རྟགས་ཅན་གྱི་གནམ་གྲུ་དང་འདྲ་བར་གནམ་གྲུ་དེར་ཁྱད་དུ་འཕགས་པའི་ས་མཐོར་འཕུར་སྐྱོད་ཀྱི་ནུས་པ་ལྡན་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  རྒྱལ་ནང་གི་དམངས་སྤྱོད་མཁའ་འགྲུལ་ཁྲོམ་ར་ཉིན་བཞིན་སླར་གསོ་བྱུང་བ་དང་ཆབས་ཅིག  བོད་ལྗོངས་མཁའ་འགྲུལ་གྱིས་རྒྱུན་གཏན་གཉེར་སྐྱོང་ཁྲོད་ཀྱི་སྐྱེལ་འདྲེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་།  B-༣༠༩Vགནམ་གྲུ་གང་མགྱོགས་མཁའ་ལམ་སྐྱེལ་འདྲེན་ནང་ཞུགས་ནས།  འཆར་ཉེར་ཡོད་པའི་སྤྱི་ཟླ་བཅུ་པའི་ཡུལ་སྐོར་བ་མང་དུས་ཀྱི་སྐྱེལ་འདྲེན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]