སྟོད་ལུང་གི་ད་ལོའི་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཆེན་གཏོང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-09-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཀྲུང་གུང་སྟོད་ལུང་བདེ་ཆེན་ཆུས་ཨུ་ཡོན་ལྷན་ཁང་དང་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི།  སྤྱི་ལོ ༢༠༢༠ ལོའི་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཆེན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་རིག་གནས་ཡུལ་སྐོར་གྲོང་རྡལ་དུ་གཏོང་འགོ་ཚུགས་པ་དང་བྱེད་སྒོ་དེ་ཉིན་བཞིའི་རིང་རྒྱུན་མཐུད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  རིག་གནས་ཡུལ་སྐོར་དུས་ཆེན་དེས་ཞང་ཞུང་རིག་གནས་དང་བོད་སྨན་རིག་གནས།  ལྷ་མོའི་རིག་གནས།  རྨོ་ཞིང་རིག་གནས་བཅས་གཞི་རྟེན་དུ་བྱས་ཏེ།  རིག་གནས་ཡུལ་སྐོར་དུས་ཆེན་དེ་རྫོང་ཁོངས་སུ་གཉེར་བའི་མཚུར་ཕུ་རོང་ཁུལ་གྱི་རྐང་འཁོར་འགྲན་བསྡུར་དང་།  ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན།  རྩམ་པའི་རིག་གནས་དུས་ཆེན།  བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལུས་གསོའི་ཉམས་ལེན་སོགས་བྱེད་སྒོའི་ནང་དོན་དང་མཉམ་འདྲེས་བྱས་ནས།  རྒྱུན་འཛིན་རང་བཞིན་དང་གསར་གཏོད་རང་བཞིན།  རིག་གནས་རང་བཞིན་བཅས་ལྡན་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་ཆེ་གྲས་ཞིག་ཏུ་བཏོད་ཡོད།།

  ༼  ཡིག་བསྒྱུར་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]