您没有安装FlashPlayer或版本太低, 请点击获得最新版本FlashPlayer
མངའ་རིས་ས་ཁུལ་གྱིས་སྤེལ་བའི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་བམ་པོ་གསུམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་འབྲེལ་ཡོད་ཤེས་བྱའི་འགྲན་བསྡུར་ཉེ་དུས་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བ་རེད།
འགྲན་བསྡུར་ནང་ཞུགས་པ་བརྒྱུད་རྒྱ་ཆེའི་ལས་བྱེད་ལས་བཟོ་པའི་རང་ངོས་ཀྱི་སློབ་སྦྱོང་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། ལྷག་པར་དུ་མ་རྩོམ་ཀློག་རྒྱུ་དང་མ་ཡིག་སློབ་སྦྱོང་། རྩ་དོན་ཤེས་རྟོགས་བཅས་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་ཐུབ་ཡོད། ད་ཐེངས་ཀྱི་འགྲན་བསྡུར་བྱེད་སྒོའི་སྐུལ་ལྕག་འོག་ཆབ་སྲིད་ཀྱི་རིག་གཞུང་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་ཐེབས་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་ལ་མཛུབ་སྟོན་བྱེད་རྒྱུ། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་དར་བཅས་ཀྱི་དོན་ཆེན་བཞི་མཐའ་གཅིག་ཏུ་ལེགས་པར་བསྒྲུབ་སྟེ་ཧུར་བརྩོན་ཆེན་པོས་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མངའ་རིས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་རྒྱུ་བཅས་རེད།།