བོད་ཀྱི་གཞོན་ནུ་ལོ་ཆུང་འཐུས་མིས་ཟླ་བའི་ལྷ་མོ་ཨང་ལྔ་པ་འཕེན་གཏོང་གི་བརྒྱུད་རིམ་ཧྲིལ་པོར་ལྟས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྡིར་སྒྲ་གྲགས་པ་དང་བསྟུན་ནས་མེ་ལྕེའི་འོད་དང་དུ་བཞག་གི་ཁྲོད།  རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་རྒྱང་འདྲེན་མེ་ཤུགས་འཕུར་མདའི་ཐོག་ཟླ་བའི་གོ་ལའི་འཚོལ་ཞིབ་ཡོ་ཆས་ཟླ་བའི་ལྷ་མོ་ཨང་ལྔ་པ་སྦྲགས་ཏེ་ཀྲུང་གོ་ཝུན་ཁྲང་འཕུར་སྐྱོད་འཕེན་གཏོང་རྟེན་གཞི་ནས་བདེ་བླག་ངང་འཕེན་གཏོང་བྱས་པ་རེད།  བོད་ལྗོངས་མཁའ་འགྲུལ་གྱིས་ཟླ་དཔྱད་དང་འཕུར་སྐྱོད་ལས་གྲྭ་ལྟེ་གནས་དང་མཉམ་འབྲེལ་ཐོག  བོད་ཀྱི་གཞོན་ནུ་ལོ་ཆུང་གི་ཕུགས་འདུན་མངོན་པའི་བར་སྣང་གི་བརྗོད་དོན་གཙོ་བོ་བྱས་པའི་རི་མོའི་བརྩམས་ཆོས ༢༠ ཡི་གློག་རྡུལ་པར་མ་ཟླ་བའི་ལྷ་མོ་ཨང་ལྔ་པའི་ནང་བཅུག་ཡོད།  དེ་དང་ཆབས་ཅིག་བོད་ལྗོངས་མཁའ་འགྲུལ་གྱིས་ཕུགས་འདུན་སྒྲུབ་ཅེས་པའི་གནམ་གྲུ་བཏང་ནས་བོད་ཀྱི་གཞོན་ནུ་ལོ་ཆུང་འཐུས་མི ༢༠ ལྷག་ཙམ་ཝུན་ཁྲང་འཕུར་སྐྱོད་འཕེན་གཏོང་རྟེན་གཞིར་ཁྲིད་དེ།  ཕྲུ་གུ་ཚོས་རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་རྒྱང་འདྲེན་མེ་ཤུགས་འཕུར་མདས་ཟླ་བའི་ལྷ་མོ་ཨང་ལྔ་པ་ཟླ་བའི་གོ་ལར་སྐྱེལ་བའི་བརྒྱུད་རིམ་ཧྲིལ་པོ་ལྟ་རུ་བཅུག་ཡོད།།


  

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]