您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ་དང་པོའི་ཚེས ༢༣ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང་། ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་འདེམས་བསྐོ་བྱེད་སྟངས་ལ་གྲོས་འཆམ་གནང་བ་དང་། སྤྱི་ཁྱབ་འདེམས་ཤོག་ལྟ་བཤེར་པ་དང་འདེམས་ཤོག་ལྟ་བཤེར་པའི་མཚན་ཐོར་གྲོས་འཆམ་གནང་བ་རེད། བློ་མཐུན་རྒྱལ་མཚན་ལྷ་མོ་དང་ཏུའུ་ཅན་ཀུང་རྣམ་གཉིས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་འདེམས་གནང་བ་དང་། བློ་མཐུན་ཝང་སྙན་ཏུང་དང་ཟླ་བ། ཧོ་ཧྭ། ཁྲེང་སི་ཇུལ། ཕུར་བུ་ཚེ་རིང་བཅས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལ་གསབ་འདེམས་གནང་བ་རེད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཁྱོན་ཨུ་ཡོན ༤༣༠ ཚོགས་ཞུགས་གནང་ཡོད།།