您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༢༠ ཉིན་ནས་བཟུང་རང་ལྗོངས་ཀྱིས་གློག་སྒུལ་འཁོར་རིགས་ལ་ཞིབ་བཤེར་བྱེད་མི་དགོས་པའི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་རྒྱུ་དང་རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུའི་ལོ་གྲངས་ཚད་གཞི་ལྷུག་ཏུ་གཏོང་རྒྱུ། སྦག་སྦག་གཏོང་བའི་ལག་ཁྱེར་དེ་རྒྱལ་ཡོངས་སུ་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་ཡིག་རྒྱུགས་གཏོང་ཆོག་པའི་བྱ་ཐབས་ཁྱབ་གདལ་གཏོང་རྒྱུ་སོགས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་བྱ་ཐབས་གསར་པ་བཅུ་རྒྱལ་ཡོངས་དང་དུས་གཅིག་ཏུ་ལག་བསྟར་བྱ་རྒྱུ་དང་། གཙོ་བོ་ཡུལ་གཞན་དུ་གཉེར་སྒྲུབ་དང་སྟབས་བདེའི་ངང་གཉེར་སྒྲུབ། དྲ་ཐོག་གཉེར་སྒྲུབ་བཅས་ཕྱོགས་གསུམ་ཐད་ནས་དམངས་བདེ་དམངས་ཕན་ཐུབ་པ་བྱ་རྒྱུ་རེད།།