您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཚེ་རིང་བག་བྲོ་ནི་ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གི་དམག་དཔུང་དབུལ་སྐྱོར་ལས་བྱེད་པ་ཞིག་ཡིན་པ་དང་། དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་ཚུགས་ཚུན། ཁོང་གིས་གཞི་རིམ་ལ་གཞི་ཚུགས་ནས་དབུལ་ཕོངས་མང་ཚོགས་ཀྱི་རེ་འདུན་དང་དགོས་མཁོ་ཤེས་རྟོགས་གང་ལེགས་བྱས་ཏེ། དབུལ་སྐྱོར་ཐོན་ལས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རོགས་བྱས་ནས་མང་ཚོགས ༢༠༠༠ ལྷག་ཙམ་ལ་ཕན་པ་ཐོབ་པ་བྱས་པ་མ་ཟད། ཁྱིམ་ཚང་མང་པོ་ཞིག་གི་དབུལ་ཕོངས་བུ་ཕྲུག་སློབ་གྲྭར་ཞུགས་རྒྱུར་རོགས་དངུལ་སྤྲད་ནས། ཏང་གི་བཀའ་དྲིན་དེ་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཏུ་ཁྱབ་པ་བྱས་ཐོག་བོད་ཁྱིམ་གྱི་བདེ་སྐྱིད་ལྡན་པའི་ལམ་བུ་གཏོད་ཡོད།།