ལྗོངས་ཁུལ་གྱི་གནམ་གྲུའི་སྤ་སེའི་རིན་གོང་དམའ་རུ་བཏང་འདུག

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན།  དམངས་སྤྱོད་མཁའ་འགྲུལ་བྱ་གཞག་མགྱོགས་མྱུར་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད།  བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྗོངས་ནང་ཁུལ་གྱི་ཡན་ལག་ལམ་ཐིག་གི་སྤ་སེའི་རིན་གོང་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ་ཡིན་ཞིང་།  བོད་ལྗོངས་མཁའ་འགྲུལ་ཀུང་སིའི་གཞུང་ཕྱོགས་དྲ་ཚུགས་དང་བོད་ལྗོངས་མཁའ་འགྲུལ་གྱི་ཆུ་ཚོད ༢༤ ཡི་ཞབས་ཞུའི་ཐད་སྦྲེལ་ཁ་པར།  ཐད་གཏོགས་སྤ་སེ་ཚོང་སྟེགས་ཁག  བོད་ལྗོངས་མཁའ་འགྲུལ་གྱི་དབང་བཅོལ་ཚབ་གཉེར་བཅས་བརྒྱུད།  བོད་ལྗོངས་མཁའ་འགྲུལ་ནས་སྐྱེལ་འདྲེན་གྱི་འགན་འཁུར་བའི་ལྗོངས་ནང་ཁུལ་མཁའ་འགྲུལ་ལམ་ཐིག་གི་གནམ་གྲུའི་སྤ་སེ་ཉོ་མཁན་ཚང་མར་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཐུབ་རྒྱུ་རེད།
གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་མདུན་གཉིས ༥༤ ཡིན་པ་མ་ཟད་ཐོབ་ཐང་ལག་ཁྱེར་སྤྲོད་མཁན་ཚན་པ་ནི་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཡིན་པ་དང་།  དེ་བཞིན་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཐོག་གི་སྡོད་གནས་བོད་ལྗོངས་ནང་ཁུལ་ནས་ཡིན་པའི་འགྲུལ་པ་ཚོས།  སྤྱི་ལོ ༢༠༢༠ ལོའི་ཟླ ༧ པའི་ཚེས ༡༠ ཉིན་ནས ༢༠༢༡ ལོའི་ཟླ ༡ པོའི་ཚེས ༣༡ ཉིན་བར།  ལྷ་ས་ནས་མངའ་རིས་བར་དང་ལྷ་ས་ནས་ཆབ་མདོ་བར་གྱི་གནམ་གྲུའི་སྤྱིར་བཏང་གི་སྤ་སེ་ཉོ་སྐབས་ཁྲོམ་རའི་རིན་གོང་དེ་སྤྱིར་བཏང་གི་སྤ་སེའི་རིན་གོང་གི་བརྒྱ་ཆ ༧༠ ལས་མཐོ་བ་ཡོད་ཚེ་གཟིགས་སྐྱོང་སྤ་སེ་ཉོ་ཆོག་ཅིང་།  སྤྱིར་བཏང་གི་སྤ་སེའི་རིན་གོང་གི་བརྒྱ་ཆ ༧༠ ལ་གཞིགས་ནས་ལག་ལེན་བསྟར་རྒྱུ་དང་།  སྤ་སེ་ཉོ་སྐབས་གལ་སྲིད་ཁྲོམ་རའི་རིན་གོང་དེ་སྤྱིར་བཏང་གི་སྤ་སེའི་རིན་གོང་གི་བརྒྱ་ཆ ༧༠ དང་ཡང་ན་དེ་ལས་དམའ་བ་ཡོད་ཚེ་ཁྲོམ་རའི་རིན་གོང་ལྟར་ལག་ལེན་བསྟར་རྒྱུ་རེད།  མི་བཅུ་དང་དེ་ཡན་གྱི་ཚོགས་པ་ཆེ་གྲས་ཀྱི་འགྲུལ་པས་བོད་ལྗོངས་མཁའ་འགྲུལ་གྱི་སྐྱེལ་འདྲེན་མཁའ་ལམ་དུམ་བུ་གཉིས་དང་དེ་ཡན་གྱི་གནམ་གྲུའི་སྤ་སེ་ཉོས་ནས་མངའ་རིས་དང་ཡང་ན་ཆབ་མདོར་ཉུང་ཤོས་ལ་ཞག་སྡོད་ཉིན་གཉིས་ཡན་དང་མང་ཤོས་ལ་ཞག་སྡོད་ཉིན་བཅུ་ནས་མི་བརྒལ་མཁན་ལ་སྤྱིར་བཏང་གི་སྤ་སེའི་རིན་གོང་གི་བརྒྱ་ཆ ༨༠ ལྟར་ལག་ལེན་བསྟར་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]