ནོར་བུ་དོན་གྲུབ་ཀྱིས་ཏོག་གསར་གློ་ཚད་ཀྱི་ནད་ཡམས་འགོག་ཟོན་གྱི་ལས་དོན་བཀོད་སྒྲིག་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-07-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཏོག་གསར་གློ་ཚད་ཀྱི་ནད་ཡམས་འགོག་ཟོན་གྱི་མཐུན་སྦྱོར་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  འབྲེལ་ཡོད་ཚན་པའི་ནད་ཡམས་འགོག་ཟོན་གྱི་གནས་ཚུལ་ངོ་སྤྲོད་གསན་པ་མ་ཟད་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་ཡོད།

ནོར་བུ་དོན་གྲུབ་ནས་རིམ་ཁག་ཚན་པ་ཁག་གིས་ཐོག་མཐའ་བར་གསུམ་དུ།  ནད་ཡམས་འགོག་ཟོན་གྱི་རྩ་བ་དེ་དམ་པོར་འཛིན་པ་དང་ནད་ཡམས་འགོག་ཟོན་གྱི་བྱ་ཐབས་ཁག་རྒྱུན་མཐུད་ལེགས་བཅོས་དང་དོན་འཁྱོལ་ཡག་པོ་བྱས་ཐོག  ནད་ཡམས་འགོག་ཟོན་གྱི་ཞབས་ཞུའི་སྤུས་ཚད་དང་སྐྱོབ་བཅོས་ཆུ་ཚད་མཐོ་རུ་བཏང་སྟེ།  ལས་ཀའི་མཉམ་ཤུགས་ཆགས་པ་བྱས་ནས་མི་དམངས་མང་ཚོགས་ཚོའི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]