འབད་འབུངས་ཡར་བརྩོན་ངང་ཕྱོགས་ཡོངས་འབྱོར་འབྲིང་ཕྱོགས་སུ་གདོང་མཆོང་བྱེད་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༨ པའི་ཚེས ༥ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག  རང་ལྗོངས་ཀྱི་དེང་སྐབས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གླེང་ནས།  འབད་འབུངས་ཡར་བརྩོན་ངང་ཕྱོགས་ཡོངས་འབྱོར་འབྲིང་ཕྱོགས་སུ་གདོང་མཆོང་བྱེད་དགོས་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་ཅིག་སྤེལ་ཡོད།
རྩོམ་ཡིག་ནང་།  ཉེ་དུས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ།  ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་།  ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་ཁག་ཧུར་ཐག་སྒྲུབ་རྒྱུའི་ཐད་གལ་ཆེའི་བཀོད་སྒྲིག་གནང་བ་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་གཅག་ནས།  དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་སྒྲུབ་ཐུབ་པ་བྱེད་རྒྱུའི་ཐད་སླར་ཡང་བཀོད་སྒྲིག་གནང་བ་དེས།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་དེ།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་རྒྱུའི་ཆོད་སེམས་ཆེན་པོ་དང་སེམས་ཤུགས་བརྟན་པོ་གང་ལེགས་མངོན་ཡོད་ལ།  ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་སེམས་ཤུགས་བརྟན་པོ་དང་སྙིང་སྟོབས་ཆེར་སྐྱེད་ངང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེའི་རྒྱལ་ཁ་ཧུར་ཐག་ལེན་རྒྱུར་སྔར་བས་སྐུལ་མ་གཏོང་ངེས་རེད་ཅེས་འཁོད་ཡོད།
རྩོམ་ཡིག་ནང་།  ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གི་དགོངས་དོན་ཐོག་གཅིག་འགྱུར་ཏན་ཏིག་ཡོང་བ་བྱས་ནས།  ལས་མཇུག་བསྡོམས་རྩིས་རྒྱག་པའི་འདུ་ཤེས་དང་དམག་བཀའ་འཁུར་ལེན་ཞུ་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ།  བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།  ནད་ཡམས་ལས་ཐོན་པའི་ཤུགས་རྐྱེན་ངན་པ་མཐའ་གཅིག་ཏུ་སེལ་ནས་གོང་འཕེལ་དང་བརྟན་ལྷིང་།  སྐྱེ་ཁམས་བཅས་ཀྱི་ལས་དོན་ཁག་ལ་གཅིག་འགྱུར་འཆར་འགོད་ཐོག་དམ་འཛིན་ཡག་པོ་བྱས་ཏེ།  ཏང་དང་མི་དམངས་བློ་ཡིད་འཚིམ་པོ་ཡོང་བ་བྱེད་དགོས་པ་དང་།  གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ལེགས་གོང་འཕེལ་གྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས།  ནུས་ཤུགས་ཡོད་རྒུས་ཆད་སྐྱོན་སེལ་བ་དང་ཞན་ཆ་ལེགས་གཏོང་།  ལེགས་ཆ་དར་སྤེལ་བཅས་བྱས་ཏེ་བརྟན་པོ་དྲུག་གི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བྱེད་རྒྱུ་དེ།  དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ནང་ལག་བསྟར་བྱས་ཏེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་མི་དམངས་ཀྱི་ཁས་ལེན་ཐོབ་ཐུབ་པ་དང་།  ལོ་རྒྱུས་ཀྱི་ཚོད་སྒམ་ཐེག་ཐུབ་པ་བྱེད་དགོས་ཞེས་འཁོད་ཡོད།
རྩོམ་ཡིག་ནང་།  ད་དུང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་ལོ་བརྒྱའི་ཕུགས་འདུན་མངོན་འགྱུར་ཐུབ་གྲབས་ཡོད་པས།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས།  འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ།  ཐོག་མའི་བསམ་འདུན་བརྟན་པོ་བཅངས་བ་དང་འགན་འཁྲི་ཕྲག་ཏུ་འཁུར་ཏེ།  དུས་ཚོད་སྐར་ཆ་ཙམ་དང་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཐའ་མའི་འགག་གནད་ཧུར་ཐག་སེལ་བ་དང་།  བབ་བསྟུན་ཡར་བརྩོན་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་གསར་པ་འགོ་བཙུགས་ཏེ།  དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་འཁོད་ཡོད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]