ཀྲུང་དབྱང་སྨྱན་སྦྱོར་ཚན་པས་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གཏོང་སྤེལ་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-08-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཀྲུང་དབྱང་སྨྱན་སྦྱོར་ཚན་པས་རྒྱ་ཁྱབ་ཐོག་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་བྱུང་བའི་གོང་འཕེལ་གསར་པ་དང་འགྱུར་ལྡོག་གསར་པ་གཏོང་སྤེལ་བྱས་ཏེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་མཐའ་གཅིག་ཏུ་སྤེལ་བའི་ས་མཐོའི་གོམ་སྟབས་འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཤེས་རྟོགས་ཐུབ་པ་བྱས་ཡོད།
མི་དམངས་ཉིན་རེའི་ཚགས་པར་ཐོག་སྤེལ་བའི་ལ་བརྒྱབ་ཀླུང་བརྒལ་བྱས་ནས་ཁྱེད་ཀྱི་ཆེད་དུ་གློག་སྐུད་བདག་སྐྱོང་བྱེད་ཅེས་པའི་ནང་།  མེ་ཏོག་རྫོང་སྒུལ་འཕྲིན་ཡན་ལག་ཀུང་སིའི་སྤྱི་གཉེར་ངག་དབང་ནས།  འཕྲིན་གཏོང་གི་ལས་གནས་ལོ་བཅུ་དྲུག་བརྟན་སྲུང་བྱས་ཏེ་གློག་སྐུད་ཀྱི་བདེ་འཇགས་འགན་སྲུང་བྱས་ཐོག  མེ་ཏོག་རྫོང་དེ་ཉིད་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་ཀྱི་ཕྱོགས་སུ་སྐྱོད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་།  མེ་ཏོག་རྫོང་དེ་ཉིད་ཕྱི་ཕྱོགས་དང་སྦྲེལ་ལམ་མེད་པ་ནས་གཞུང་ལམ་དང་ཁ་པར།  དྲ་རྒྱ་བཅས་ཤར་གཏོང་ཐུབ་པ་བྱུང་བའི་གོང་འཕེལ་གྱི་བརྒྱུད་རིམ་གླེང་ཡོད།
ད་དུང་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་ཕྱོགས་པར་མའི་ཐོག  རྩྭ་ར་སྔོ་ལྗང་ཅན་དུ་གྱུར་ནས་ནོར་ལུག་ཤ་ཤེད་རྒྱས་པ་དང་འབྲོག་པ་ཕྱུག་པོ་ཆགས་པ་ཞེས་པ་སོགས་ཀྱི་གསར་འགྱུར་སྤེལ་ནས།  རང་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།  དབུལ་གྲོལ་འགག་སྒྲོལ་ལས་དོན་མཐའ་གཅིག་ཏུ་སྤེལ་བའི་འབད་འཐབ་ཀྱི་གཏམ་རྒྱུད་དང་དགའ་འོས་པའི་གྲུབ་འབྲས་ཁག་མངོན་པར་བྱས་ཡོད།
ཤིན་ཧྭ་གསར་འགྱུར་ཁང་གིས་མང་ཚོགས་དཀྱུས་མའི་ཁྱིམ་དུ་འཇམ་པོའི་བལ་ལས་བཟོས་པའི་ཐེར་མ་མཐོང་རྒྱུ་ཡོད་ཅེས་པའི་པར་རིས་གསར་འགྱུར་སྤེལ་ཏེ།  སྔོན་དུས་བླ་མ་སྐྱེས་ཆེན་དམ་པ་དང་སྡེ་དཔོན་མི་དྲག་རྣམས་ལ་གཞི་ནས་ཐེར་མ་སྤུ་ཕྲུག་སྤྱོད་དབང་ཡོད་པ་དང་།  ད་ཆ་མང་ཚོགས་ལ་ཡང་ཐེར་མ་སྤྱོད་ཐུབ་ཅིང་དབུལ་ཕོངས་མང་ཚོགས་རྣམས་ཚོས་མི་རིགས་ཀྱི་ལག་ཤེས་ཐོན་ལས་བརྒྱུད་དེ།  ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པའི་སྐོར་གླེང་ཡོད་པ་རེད། 
འདམ་གཞུང་རྫོང་གི་གནས་སྤོས་མང་ཚོགས་རྣམས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་ཅེས་པའི་གསར་འགྱུར་ནང་།  རང་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་བཟུང་ནས་གནས་སྤོས་དབུལ་སྐྱོར་བྱས་ཏེ།  རང་ཡུལ་དུ་རང་ཁ་གསོ་མི་ཐུབ་པའི་གོང་འཕེལ་གྱི་དཀའ་གནད་སེལ་ནས་གནས་སྤོས་དུད་ཚང་དབུལ་གྲོལ་བརྟན་པོ་བྱུང་བ་དང་།  བཀོད་སྒྲིག་ཁུལ་གོང་འཕེལ་མགྱོགས་པོ་བྱུང་བའི་རྣམ་པ་གསར་པ་ཞིབ་ཕྲ་མངོན་པར་བྱས་ཡོད།
གཞན་ཡང་།  ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་འབྲིང་ལམ་བུའི་ཐོག་གི་འཛུམ་མདངས་ཤིག་སྟེ་སློབ་གསོ་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་ཆབ་མདོའི་དམངས་འཚོའི་གོང་འཕེལ་ལ་རམ་འདེགས་བྱེད་ཚུལ་གྱི་མཐོང་ཐོས་ཞེས་པ་དང་།  སྣ་དཀར་རྩེའི་འགན་ལེན་ལྔའི་བགྲེས་སོང་ཚེ་མཇུག་བདེ་སྐྱིད་དཔལ་ལ་རོལ་ཞེས་པ་སོགས་ཀྱི་གསར་འགྱུར་སྤེལ་ཏེ།  བྱ་བ་ཆུང་ཙག་ནས་བོད་རིགས་མི་དམངས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཏེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།
འོད་ཟེར་ཚགས་པར་དང་དཔལ་འབྱོར་ཚགས་པར།  ཀྲུང་གོའི་གསར་འགྱུར་དྲ་བ་སོགས་ཀྲུང་དབྱང་སྨྱན་སྦྱོར་གྱིས་ཀྱང་བོད་རྩྭ་མུའུ་ཁྲི་ཡིས་ལྷོ་ཁ་སྔོ་ལྗང་ཅན་དུ་གྱུར་ཞེས་པ་དང་།  ས་མཐོའི་ཀུན་གཏོད་བྱ་ཡུལ་ཞེས་པ།  ཆབ་མདོའི་ཁ་རུབ་ཆུས་སུ་རྩལ་ནུས་སྦྱངས་ནས་ལས་ཀར་སེམས་ཁྲལ་མེད་ཅེས་པ་སོགས་ཀྱི་གསར་འགྱུར་སྤེལ་ཏེ།  རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་རྣམ་པ་གསར་པ་དང་ས་མཐོའི་བུ་ཕྲུག་ཚོའི་དུས་རབས་གསར་པར་འབད་འབུངས་ཡར་བརྩོན་བྱེད་པའི་སྙིང་སྟོབས་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]