མཚོ་བོད་བཟོ་ལས་ཁུལ་བཙུགས་པས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེ་ཐེབས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་དུ་གནས་པའི་མཚོ་བོད་བཟོ་ལས་ཁུལ་ནི་སྤྱི་ལོ ༢༠༡༣ ལོར་བཙུགས་ཤིང་།  ད་བར་ཁུལ་དེར་ཁེ་ལས ༢༨༠ བཅའ་སྡོད་བྱས་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༣༤༠ ལྷག་ཙམ་ཟིན་གྱི་ཡོད་པས།  རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། 

རང་ལྗོངས་ཀྱིས་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་འགྱུར་བ་བྱ་ཆེད།  སྤྱི་ལོ ༢༠༡༣ ལོར་མཚོ་སྔོན་ཞིང་ཆེན་དང་མཉམ་འབྲེལ་ཐོག་གོར་མོ་གྲོང་ཁྱེར་དུ་མཚོ་བོད་བཟོ་ལས་ཁུལ་དེ་བཙུགས་པས།  རང་ལྗོངས་ཀྱི་དཔལ་འབྱོར་ལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།  བཟོ་ལས་ཁུལ་དེ་བཙུགས་ནས་ད་བར་གྱི་ལོ་བདུན་རིང་འཛུགས་སྐྲུན་སོགས་འཕེལ་རྒྱས་བཏང་བ་བརྒྱུད།  ཁུལ་དེ་གར་གཞུང་ལམ་གྱི་དྲ་བ་ཆགས་པ་དང་འཁོར་ཁང་གྲལ་བསྟར་སྒྲིག་ཅིང་། འཁོར་ཁང་ནང་འཕྲུལ་ཆས་ཀྱི་སྐད་སྒྲས་ཁེངས་ཡོད།  ཚྭ་མཚོའི་ཐོན་ཁུངས་ཀྱི་མ་རྒྱུ་གཙོ་བོ་བྱས་པའི་ལས་སྣོན་ཁེ་ལས་ངོས་ནས་བརྗོད་ན།  སྤྱི་ལོ ༢༠༡༤ ལོར་བོད་ལྗོངས་ལིའུ་ཧོ་རྫས་འགྱུར་བཟོ་ལས་གོང་འཕེལ་ཚད་ཡོད་ཀུང་སི་ཁུལ་དེར་བཅའ་སྡོད་བྱས་ཡོད།  ཀུང་སིའི་སྤྱི་གཉེར་གཞོན་པ་ཁྲེན་ཕིང་པོའོ་ནས་དེང་སྐབས་ཀུང་སིའི་ཐོན་ནུས་ཀྲོན་ཆིག་ཁྲི་དགུ་སྟོང་ཟིན་པ་དང་།  དུས་རིམ་གཉིས་པར་ཚན་རིག་ཞིབ་འཇུག་དང་རྣམ་གྲངས་གཏན་འཁེལ་གྱི་ཐོག་ནས་ཐོན་སྐྱེད་བྱས་པ་བརྒྱུད་ཐོན་ནུས་ཀྲོན་སུམ་ཁྲི་བརྒྱད་སྟོང་ཟིན་པ་བྱས་ཏེ།  ཐོན་རྫས་ཀྱིས་རྒྱལ་ནང་གི་ཁྲོམ་རྭ་བཟུང་ཚད་བརྒྱ་ཆ ༢༠ ཡན་ཟིན་པ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་།  
མཚོ་བོད་བཟོ་ལས་ཁུལ་གྱིས་རྒྱལ་ཁབ་ནས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད།  ད་དུང་ནུབ་རྒྱུད་ཐོན་འབྱེད་ཆེན་མོ་དང་ཚྭ་འདམ་འཁོར་རྒྱུགས་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱང་ལོངས་སྤྱོད་བྱེད་ཀྱི་ཡོད་པས།  ཁེ་ལས་མང་པོ་དེ་གར་བཅའ་སྡོད་བྱེད་པའི་ཡིད་དབང་བཀུག་ཡོད།  ཁུལ་དེ་བཙུགས་པ་ནས་ད་བར་ཁེ་ལས ༢༨༠ ཐོ་འགོད་བྱས་པ་བརྒྱུད།  ཐོ་འགོད་གྱི་མ་དངུལ་སྒོར་དུང་ཕྱུར ༡༣༤ ཟིན་ལ་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར ༤༥ ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༣༤༣ ཟིན་ཞིང་།  རང་ལྗོངས་ཀྱི་མི་བརྒྱ་ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད།།

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]