ཚོགས་སྒྲིག་ཆུང་ངུའི་བོད་སྐྱོར་ལ་ལྟ་སྦྱོང་དང་སྤེལ་རེས་བྱེད་པའི་ལྗོངས་ཡོངས་ཀྱི་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཚོགས་སྒྲིག་ཆུང་ངུའི་བོད་སྐྱོར་ལ་ལྟ་སྦྱོང་དང་སྤེལ་རེས་བྱེད་པའི་ལྗོངས་ཡོངས་ཀྱི་ཚོགས་འདུ་ཉེ་དུས་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཇི་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ཞིང་ཆེན༼ གྲོང་ཁྱེར ༽ཁག་གི་བོད་སྐྱོར་རུ་སྣེ་འཁྲིད་མཁན་དང་།  གྲོང་༼ ས ༽ཨུད་ཁག་གི་རྩ་འཛུགས་པུའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད། 
གྲེན་ཡུང་ཇི་ཡིས་ཚོགས་སྒྲིག་ཆུང་ངུའི་བོད་སྐྱོར་ནི་ལས་བྱེད་ཤེས་ལྡན་པའི་བོད་སྐྱོར་ལས་དོན་སླར་ཡང་གསར་གཏོད་བྱས་པ་ཞིག་ཡིན་པས།  གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཞིང་ཆེན ༼ གྲོང་ཁྱེར ༽ཁག་གི་བོད་སྐྱོར་ལས་དོན་རུ་ཁག་ནས་ལུགས་མཐུན་དང་སྒྲུབ་ཐུབ་པ།  རྒྱུན་མཐུད་ཐུབ་པ།  དཔྱད་བརྗོད་ཐུབ་པ་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཚོགས་སྒྲིག་ཆུང་ངུའི་བོད་སྐྱོར་ལས་དོན་ཏན་ཏིག་སྤེལ་ཏེ་བོད་ལྗོངས་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་གཞོགས་འདེགས་བྱེད་དགོས་པ་མ་ཟད།  ཚོགས་སྒྲིག་ཆུང་ངུའི་བོད་སྐྱོར་གནད་ལ་འཕིགས་ཤིང་ཚན་རིག་དང་མཐུན་པར་སྤེལ་ཏེ་གཙོ་གནད་ཐོག་བཟོ་ལས་གླིང་ཁུལ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ།  ཁྱད་ལྡན་ཐོན་ལས།  གཙོ་གནད་ཁྱབ་ཁོངས།  གཙོ་གནད་ལས་རིགས་བཅས་སུ་གནད་འཕིགས་ཅན་གྱི་རོགས་སྐྱོར་བྱས་ནས།  དངོས་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཉམས་མྱོང་གསོག་འཇོག་ཀྱང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]