རིག་གནས་དང་རིག་དངོས་ཁོངས་གཏོཌ་ཀྱིས་བརྗོད་དོན་ཟབ་པའི་མུ་འབྲེལ་བྱེད་སྒོ་སྤེལ་ཏེ་ཚོཌ་འདུའི་དགོངས་དོན་སློབ་སྦྱོང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-11-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་རིག་གནས་དང་རིག་དངོས་ཁོངས་གཏོགས་ཀྱི་ཚན་པས་སྤྱི་ཟླ ༡༡ པའི་ཚེས ༡༨ ནས ༢༤ ཉིན་བར།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་བརྗོད་དོན་གཙོ་བོར་བཟུང་བའི་མུ་འབྲེལ་བྱེད་སྒོ་ལྷ་སར་སྤེལ་བ་རེད། 

ཐེངས་འདིའི་མུ་འབྲེལ་བྱེད་སྒོའི་ཐོག་ལུས་རྩལ་འགྲན་བསྡུར་དང་གཏམ་བཤད་འགྲན་བསྡུར།  མཚན་ཚོགས་བཅས་བཀོད་སྒྲིག་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག་ཚན་པ་ཡོངས་ཀྱི་ལས་བྱེད་ལས་བཟོ་པའི་གོང་བུ་སྒྲིལ་ཤུགས་ཆེ་རུ་བཏང་སྟེ།  མཐུན་སྒྲིལ་དང་མཛའ་གྲོགས།  འབད་འབུངས་ཡར་བརྩོན་བཅས་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུ་རེད། 

བདེ་ཐང་ཀྲུང་གོ་སྐྲུན་ཆེད་ང་ཡིས་འབད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལུས་རྩལ་འགྲན་བསྡུར་གྱི་བྱེད་སྒོའི་ཁྲོད་སྐྱེས་པའི་ལག་རྩེད་སྤོ་ལོ་དང་མིག་མངས་སོགས་རྣམ་གྲངས་དུ་མ་བཀོད་སྒྲིག་བྱས་ཡོད།  ལྗོངས་རིག་གནས་ཐིང་གི་ལས་དོན་པ་ཝང་གཡུས་ནས་ཐེངས་འདིའི་བྱེད་སྒོ་བརྒྱུད་ང་ཚོའི་ལུས་པོར་སྦྱོང་བརྡར་ཐེབས་པ་ཙམ་མ་ཟད་ལས་རོགས་བར་གྱི་འབྲེལ་བ་ཡང་ཟབ་ཏུ་ཕྱིན་སོང་བས་དོན་སྙིང་ཆེན་པོ་ལྡན་འདུག་ཅེས་བཤད།
གཏམ་བཤད་འགྲན་བསྡུར་ཐོག  འགྲན་ཞུགས་པ་ཚོས་དད་སེམས་བརྟན་པོས་ཏང་གི་རྗེས་སུ་འབྲངས།  འགན་འཁུར་ལས་སྒྲུབ་ཐོག་ནས་ཏང་གི་བཀའ་དྲིན་ཚོར་ཞེས་པའི་གཙོ་དོན་དང་དམ་པོར་བསྟུན་ཞིང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ཚུལ་གྱི་གཏམ་བཤད་སྤེལ་བ་དེས།  ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་པའི་སེམས་ཤུགས་དང་ཆོད་སེམས་མཚོན་པར་བྱས་ཡོད། 

དུས་རབས་གསར་པའི་སྙིང་སྟོབས་དར་སྤེལ་བཏང་ནས།  རིག་གནས་པའི་ཉམས་བཟང་མངོན་པར་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཚན་ཚོགས་ཐོག་འཁྲབ་ཚན་ཐུང་ངུ་དང་གླུ་གར་སོགས་ལྟད་མོ་ཆེ་བའི་ལེ་ཚན་མང་པོ་བཀོད་སྒྲིག་བྱས་ཡོད།  རང་སྐྱོང་ལྗོངས་རིག་གནས་ཐིང་སྲིད་དོན་མི་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་རེན་ཡཱ་ཅུན་ནས།  རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད།  རང་ལྗོངས་ཀྱི་རིག་གནས་དང་རིག་དངོས་ཁོངས་གཏོགས་ཀྱི་ཚན་པར་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་ནས།  ལས་བྱེད་ལས་བཟོ་པའི་བསམ་པའི་ཉམས་བཟང་མཚོན་པར་བྱས་ཡོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་སེམས་ཤུགས་དང་བློ་སྟོབས་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད། །

  ༼  རྩོམ་སྒྲིག་སྟོབས་ཆེན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]