您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༢༥ ཉིན། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ལྷ་མོའི་རོལ་དབྱངས་འདུ་ཚོགས་གཉེར་ནས་ཚོགས་པ་དེ་བཙུགས་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུས་པ་རེད།
སྤྱི་ལོ ༡༩༦༠ ལོར་དེ་སྔའི་སྐྱོ་མོ་ལུང་ལྷ་མོ་ཚོགས་པ་རྨང་གཞིར་བྱས་ཏེ་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དངོས་སུ་བཙུགས་པ་དང་། ལྷ་མོའི་ལས་དོན་པ་མི་རབས་ཁ་ཤས་ཀྱི་འབད་བརྩོན་འོག་ད་ཆ་རྩོམ་སྒྲིག་དང་འཁྲབ་ཁྲིད། འཁྲབ་སྟོན། ཞིབ་འཇུག་བཅས་གཞི་གཅིག་ཏུ་སྒྲིལ་བའི་དེང་རབས་ཅན་གྱི་ཞིང་ཆེན་རིམ་པའི་ཆེད་ལས་ལྷ་མོ་ཚོགས་པ་ཞིག་ཏུ་འཕེལ་རྒྱས་བྱུང་ནས། རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་དང་ཀྲུང་གོའི་ཟློས་གར་དུས་ཆེན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སོགས་རྒྱལ་ཁབ་ཕྱི་ནང་གི་བྱེད་སྒོ་དང་འགྲན་བསྡུར་གྱི་འགྲེམས་འཁྲབ་གལ་ཆེན་རབ་དང་རིམ་པའི་ནང་ཞུགས་ནས། བོད་ཀྱི་ལྷ་མོའི་རིག་གནས་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག་སྒྱུ་རྩལ་ཁྱབ་སྤེལ་གྱི་ཐབས་ལམ་ཡང་རྒྱ་སྐྱེད་བཏང་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། ལོ་ངོ་ ༦༠ ཡི་ཚུན་དུ་ལྷ་མོ་ཚོགས་པས་ལོ་ལྟར་ཞིང་འབྲོག་མང་ཚོགས་དང་མི་རིགས་ཁག་གི་མང་ཚོགས་མི་ཐེངས་ཁྲི་ཚོ ༢༠ ལྷག་ཙམ་ལ་ཆ་སྙོམས་འཁྲབ་སྟོན་ཐེངས ༡༢༠ ལྷག་ཙམ་བྱས་ཡོད་པ་དང་། འགྲན་བསྡུར་ཁག་ནང་ཞུགས་པ་བརྒྱུད་རྒྱལ་ཁབ་རིམ་པའི་བྱ་དགའ་གལ་ཆེན ༥༠ ལྷག་ཙམ་རགས་ཡོད་པ་མ་ཟད། སྔ་རྗེས་སུ་འཇའ་ཕན་དང་ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ ༣༠ ལྷག་ཙམ་དུ་འཁྲབ་སྟོན་བྱས་པར་ལྟད་མོ་བའི་དགའ་བསུ་ཡང་ཆེན་པོ་ཐོབ་ཡོད།།