乐队现在的阵容:
主唱:洛桑达娃/主音吉他:格桑元俊/节奏吉他:西绕加措/管乐:达娃扎西/贝司:次旺/鼓手:尼玛罗布
其中是他们的代表作之一,这是一首集锐利、敏感与一身的作品,深受本土歌迷的喜爱!
藏文歌词(安卓手机需安装藏文字体)
གང་འདྲ་བྱས་ཀྱང་བུ་མོ་ཁྱེད་ལས་མཛེས་པ་མིན་འདུག
གང་འདྲ་བྱས་ཀྱང་བུ་མོ་ཁྱེད་ལས་མཚར་བ་མིན་འདུག
ཁྱེད་ནི་ང་ཡི་སེམས་ཀྱི་བརྟེན་ས་ཡིན་པ་ནམ་ཡང་ནམ་ཡང་འགྱུར་བ་མེད།
ང་ནི་ཁྱེད་ཀྱི་གང་ཞིག་ཡིན་མིན་སུ་ཡིས་ཤེས་སམ། ཁྱེད་ཀྱིས་ཤེས་སམ། ང་ཡིས་མི་ཤེས།
མེ་ཏོག་པད་མ་དེ་ཡང་ཁྱེད་ལས་མཛེས་པ་མི་སྲིད།
དཀར་གསལ་ཟླ་བ་དེ་ཡང་ཁྱེད་ལས་དཀར་བ་མི་སྲིད།
ཁྱེད་ཀྱི་གྱོན་ཆས་འདྲ་མིན་སྣ་ཚོགས་ནམ་མཁའི་སྐར་ཚོགས་དེ་དང་འདྲ་བྱུང་།
ཁྱེད་ཀྱི་དགའ་རོགས་གཅིག་བརྗེས་གཉིས་བརྗེས། དཔྱིད་ཀའི་གནམ་གཤིས་དཔྱིད་ཀའི་གནམ་གཤིས་དེ་དང་འདྲ་བྱུང་།
བུ་མོ་ཁྱེད་རང་དྲན་པ་བུ་ང་སྨྱོ་བཞག སེམས་པ་ཁྱེད་ལ་ཕུལ་བ་བུ་ངས་ནོར་བཞག
བུ་མོ་ཁྱེད་ལ་དགོས་པ་དེ་རྒྱུ་དང་དབང་རེད། བུ་ང་ལ་མེད་པ་དེ་ནི་རྒྱུ་དང་དབང་རེད།
བུ་མོ་ཁྱེད་རང་དྲན་པ་བུ་ང་སྨྱོ་བཞག སེམས་པ་ཁྱེད་ལ་ཕུལ་བ་བུ་ངས་ནོར་བཞག
བུ་མོ་ཁྱེད་ལ་དགོས་པ་དེ་རྒྱུ་དང་དབང་རེད། བུ་ང་ལ་མེད་པ་དེ་ནི་རྒྱུ་དང་དབང་རེད།