ཞེ་སའི་གླུ་ཞེས་པ་འདིའི་ཐོག་ནས་བོད་མི་རིགས་ཀྱི་ཡ་རབས་གཤིས་རྒྱུད་མངོན་ཡོད་ལ། མི་དང་མིའི་དབར་ལ་གུས་ཞབས་ལྡན་དགོས་པ་ནི་གལ་ཆེན་པོ་ཡིན་ལུགས་ཀྱང་མངོན་ཡོད།
ཞེ་སའི་གླུ། ༼གཞས་ཚིག༽
དེ་རིང་དགུང་གསར་ཉིན་མོ།
ལྷན་རྒྱས་ལ་གསུང་གཞས་ཤིག་ཕུལ་ཡོད།
སྐུ་གཟུགས་གསལ་ཐང་ཡོང་བའི།
ལྷག་བསམ་དཀར་བའི་སྨོན་འདུན་ཞུ།
དེ་རིང་དགུང་གསར་ཉིན་མོ།
ལྷན་རྒྱས་ལ་གསུང་གཞས་ཤིག་ཕུལ་ཡོད།
སྐུ་གཟུགས་གསལ་ཐང་ཡོང་བའི།
ལྷག་བསམ་དཀར་བའི་སྨོན་འདུན་ཞུ།
སྐུ་ཁམས་བཟང་། ཕྱག་ཕེབས་གནང་།
བཞུགས་གདན་འཇག གསོལ་ཇ་མཆོད།
མ་མཇལ་ཡུན་རིང་།
མ་མཇལ་ཡུན་རིང་།
ཨ་ཅག་ལགས་ཁྱེད་རང་དེ་འདྲའི་སྐུ་ཉམས་དོད་པ་ལ།
བུ་མོ་ཁྱེད་རང་གི་དབུ་སྐྲ་དེ་འདྲའི་བཟང་བ་ལ།
ནམ་བཟའ་བབས་ཆགས་པོ་ཞིག་མཆོད་བཞག
སྔོན་ལ་ཆིབས་འགྱུར་གནང་གོ
བཞུགས་གདན་འཇག་གོ
དེ་རིང་དགུང་གསར་ཉིན་མོ།
ལྷན་རྒྱས་ལ་གསུང་གཞས་ཤིག་ཕུལ་ཡོད།
སྐུ་གཟུགས་གསལ་ཐང་ཡོང་བའི།
ལྷག་བསམ་དཀར་བའི་སྨོན་འདུན་ཞུ།
སྐུ་ཁམས་བཟང་། ཕྱག་ཕེབས་གནང་།
བཞུགས་གདན་འཇག གསོལ་ཇ་མཆོད།
མ་མཇལ་ཡུན་རིང་།
མ་མཇལ་ཡུན་རིང་། །