不管你身在何方,家都在你的心里!这首罗布桑珠的歌《回家》,送给所有已经返校的内地学子,回家的路永远灯火通透,祝福学业有成。
ནང་ལ་ལོག་འགྲོ།
ཚིག་གདངས་གཞས། ༼ནོར་བུ་བསམ་གྲུབ།༽
པོ་ཏ་ལ་ཡི་རྩེ་ནས་འཕྲོ་བའི་འོད་སྣང་དེ།
གླིང་སྐོར་ཐད་མཁན་བགྲེས་སོང་ཁོང་གི་ཞལ་རས་ནས།
ལོ་མང་ཕྱིན་པའི་ལོ་རྒྱུས་ཡིད་ལ་འཁོར།
གངས་ཅན་གྱི་ལྗོངས་དེ་མཛེས་ཉམས་ལ།
བུ་ཆུང་ང་ཚོའི་སེམས་ནས་སྤོབས་པ་བྱེད།
འཛམ་གླིང་ས་ཕྱོགས་གང་སར་ཕྱིན་ཀྱང་།
ནམ་ཡང་ཕ་ཡུལ་ཡིད་ལ་འཁོར།
དཀར་གཙང་མཇལ་དར་སེམས་ཀྱི་མཚོན་ཆེད་ཡིན།
ལེན་པའི་གླུ་འདི་གངས་རིའི་ཕྱོགས་ལ་ལེན།
ལ་ཀླུང་རྒྱབ་ནས་ཕ་ཡུལ་ཕྱོགས་ལ་ལོག
ང་ཡི་ཕ་ཡུལ་གངས་ཅན་ལྗོངས་ལ་ལོག
ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོའི་མཛེས་ཉམས་ལ།
དེ་འདྲའི་དྭངས་གཙང་མཚར་སྡུག་ལྡན་པ་ལ།
ལེ་དབར་བརྒྱ་ཕྲག་རྐྱང་ཕྱག་འཚལ་ནས་ཕེབས་མཁན་ནི།
སེམས་བཟང་གངས་ལྟར་དཀར་བའི་བོད་མི་ཡིན།
ཡུལ་གྲུ་འདི་ལ་བཅངས་པའི་བརྩེ་སེམས་དེ།
ས་ཕྱོགས་གང་སའི་སྐྱེ་བོ་ཀུན་ལས་ལྷག
གཙང་བའི་ཁ་རླུང་རི་ཀླུང་ཀུན་ལ་ཁྱབ།
ལྷག་བསམ་ལྡན་པའི་བོད་མི་བཞུགས།
དཀར་གཙང་མཇལ་དར་སེམས་ཀྱི་མཚོན་ཆེད་ཡིན།
ལེན་པའི་གླུ་འདི་གངས་རིའི་ཕྱོགས་ལ་ལེན།
ལ་ཀླུང་རྒྱབ་ནས་ཕ་ཡུལ་ཕྱོགས་ལ་ལོག
ང་ཡི་ཕ་ཡུལ་གངས་ཅན་ལྗོངས་ལ་ལོག
ལེ་དབར་ཁྲི་ཁྲག་ས་ནས་རང་གི་ཕ་ཡུལ་དང་བྲལ་སོང་།
མཛེས་པའི་ཕ་ཡུལ་བཞག་ནས་གཞན་ཡུལ་གྱི་ཕྱོགས་ལ་འཕུར་སོང་།
དཀའ་ངལ་ཁྱད་བསད་དང་སྤྱད་ནས་ཕ་མ་སྤུན་མཆེད་བྲལ་སོང་།
ང་ཡི་སེམས་ཀྱི་སྐད་ཆ་ཁྱེད་ཚོར་བཤད་ཡོད།
ཚོས་གཞི་འདྲ་མིན་སྣ་ཚོགས་ཁེངས་པའི་ཆ་མེད་ཕྱི་ཡི་འཇེག་རྟེན།
དེ་ལས་ང་ཡི་མཛེས་པའི་ཕ་ཡུལ་གྱི་རྩྭ་ཐང་དེ་རང་མཛེས།
ང་ཡི་གླུ་གཞས་དེ་ང་ཡི་གླུ་གཞས་དེ་ཁྱེད་ལ་ལེན།
དཀར་གཙང་འཇལ་དར་སེམས་ཀྱི་མཚོན་ཆེད་ཡིན།
ལེན་པའི་གླུ་དེ་གངས་རིའི་ཕྱོགས་ལ་ལེན།
ལ་ཀླུང་རྒྱབ་ནས་ཕ་ཡུལ་ཕྱོགས་ལ་ལོག
ང་ཡི་ཕ་ཡུལ་གངས་ཅན་ལྗོངས་ལ་ལོག